ཆང་ས་དྲ་བ།

སྙིང་གི་མཚེ་མ་དྲན་པའི་ནུབ་མོ།

 

ནངས་མོ་དེ་ནས་ཉིན་ཞག་བཅོ་བརྒྱད་པོ།།
དྲན་ཚོར་བརྩེགས་པས་འབུམ་ཕྲག་ཡན་ཆོད་པོ།།
བྲང་ལ་རྒྱག་གིན་སེམས་ལ་འབུར་བྱུང་བ།།
ཁྱོད་ཀྱིས་ཨེ་ཚོར་སྙིང་གཅེས་མཚོ་མིང་མ།།
ང་ལ་དགོད་པའི་མཛེས་མཛུམ་ཁུགས་པ་ན།།
མིག་ལ་འཕངས་བའི་ཟུར་མིག་སྔར་བཞིན་ཡོད།།

ན་ཆུང་མ་དེ་སུ་ཞིག་རེད།

 

ཁ་སང་།
ངས་ཁྱོད་མཐོང་དུས་
ཁྱོད་རང་ཅི་ཡང་མེད་པའི་སློང་མོ་བ་བཞིན
བདག་གི་སེམས་པའི་པ་རོལ་ཞིག་ནས་
བདག་ལ་ཚོར་སྣང་ཅི་ཡང་མེད་པས་
ལག་འཇུ་ཐུང་ཐུང་དེས་ བདེ་མོ་བྱོས།

ངས་ཁྱོད་ལ་འདྲི།

 

གླེགས་བམ་མཐུག་པོ་ཞིག་ཆུ་ལ་བསྐྱེར་ཞིང་།།
ལོ་རྒྱུས་དེབ་ཐེར་ཞིག་མེ་ལ་བསྒྲོན་པའི།།
ན་ནིང་དགུན་ཁ་ཡི་རླུང་གི་རལ་གྲིས།།
ཁྱོད་ཀྱི་སྙིང་ངོས་ལ་རྨ་ཁ་བཟོས་སམ།།

གསེར་ཆེན་མེ་ཏོག་ཅིག་བྲེགས་པའི་ཤུལ་ཏུ།།
ཧ་ལོ་མེ་ཏོག་ཅིག་བཙན་གྱི་སྐྱེས་དུས།།
ན་ནིང་མཚན་གུང་དུ་བོར་བའི་ཟླ་བ།།
དེ་རིང་གང་ཞིག་ན་འཛུམ་པ་མཐོང་ངམ།།

སྡོང་ལོ་སེར་པོ་ལྷབ་ལྷུབ་ཏུ་ལྷུང་དུས།

 

སྟོན་ཀའི་སྡོང་ལོ་དག་ལྷབ་ལྷུབ་ཏུ་འཐོར་བཞིན།།
འདུ་འབྲལ་ཆོས་ཉིད་ཀྱི་སྡོམ་ཚིག་རེ་གྱེར་ནས།།
ས་གཞིའི་ཕང་བ་རུ་འཁོར་བཞིན་འཁོར་བཞིན་དུ།།
མར་མར་ལྷུང་བ་ཡི་མི་རྟག་གི་ལྟད་མོ།།

གལ་ཏེ་ཁྱོད་འཐད་པ་ཡིན་ཚེ།

 

གལ་ཏེ་ཁྱོད་འཐད་པ་ཡིན་ཚེ།
གལ་ཏེ་ཁྱོད་འཐད་པ་ཡིན་ཚེ།
ཟླ་བ་སྒེའུ་ཡོལ་ངོར་བཀལ་བའི་ལྷིང་འཇགས་འདིའི་ཁྲོད་ནས
ངས་ཁྱོད་ལ་འོ་ཞིག་བྱས་ཆོག
མཚན་སྨག་འདིའི་ངོ་གདོང་ལའང་ཕྱིར་དྲན་གྱི་མེ་ཏོག་ཅིག་བྲིས་ཆོག

ཤོག་ངོས་རྗེས་མ་དག་ཀློགས།

--------------------- བརྙན་འཕྲིན་ནང་གི་དེང་རབས་བོད་པ། ----------------------